牛尾巴被扯断了,阿古顿巴笑了,他却哭了...

发布时间:2017-10-09 11:29:09 来源:甘孜新闻网

【导语】:གཡག་སར་འཛུལ།牛钻地ཨ་ཁུ་སྟོན་པའི་གྲོང་པའི་ནང་མངའ་བདག་ཅིག་ཡོད། ཁོར་ནོར...

གཡག་སར་འཛུལ།

牛钻地

ཨ་ཁུ་སྟོན་པའི་གྲོང་པའི་ནང་མངའ་བདག་ཅིག་ཡོད། ཁོར་ནོར་ལུག་གྲངས་ལས་འདས་པ་དང་རྒྱ་ཆེ་བའི་ས་ཞིང་ཡོད། ཡིན་ཡང་ཁོའི་ཧམ་པ་ཉིན་རེ་ལས་ཉིན་རེར་ཇེ་ཆེར་འགྲོ ས་འདིའི་ཐོག་གི་ནོར་ལུག་དང་ས་ཞིང་ཚང་མ་ཁོའི་དབང་དུ་ཡོད་པ་ཅི་མ་རུང་སྙམ། ཉེ་འགྲམ་གྱི་མེ་སེར་སྙིང་ཁོང་རུས་པའི་གཏིང་ནས་ཁོང་ཁྲོ་ལངས་པ།

阿古顿巴的村子里有一个领主,他有无数的牛羊和成片的土地,但他的贪心却越来越大,恨不得天下所有的牛羊和土地都归他才好。周围的老百姓对他恨之入骨。

ཉིན་ཞིག་ལ། ཨ་ཁུ་སྟོན་པའི་བརྩེ་བ་ཧ་ཅང་ཟབ་པའི་དབུལ་པོའི་གྲོགས་པོ་རྣམ་པ་ཁོའི་ཁྱིམ་དུ་སླེབས་པ། ཚང་མའི་སྐད་ཆ་བཤད་བཞིན་བཤད་བཞིན། བསམ་འདུན་ཞིག་བཏོན་བཞིན་ཡོད་པ་སྟེ། ནོར་ཤ་ཞིག་ཟ་བ་དེ་ཡིན། ཨ་ཁུ་སྟོན་པའི་བསམ་བློ་ཅུང་ཙམ་གཏོང་རྗེས། གྲོགས་པོ་རྣམས་ལ། འོ་ཡ། དེ་རིང་དགོང་མོ་ངས་སྦྱིན་བདག་བྱ། ཚང་མར་ལྟོགས་ནད་སངས། ང་ཚོའི་དགའ་དགའ་སྤྲོ་སྤྲོའི་ནོར་ཤ་ཞིག་ཟ་ཞེས་ཟེར།

一天,跟阿古顿巴非常要好的一群穷哥儿们来到他的家里,大家聊着聊着,都向他诉说着一个心愿:想吃顿牛肉。阿古顿巴稍加思索后,就对他的朋友说:“好吧,今天晚上我来做东,为大家解解馋,咱们就来痛痛快快地吃顿牛肉。”

ཡིན་ཡང་། གྲོགས་པོ་ཚང་ཤེས་གསལ་ཡིན་པ་ནི། ཨ་ཁུ་སྟོན་པར་ནོར་མེད་པ་མ་ཟད། སྒོར་མོ་ཡང་མེད། དེ་བས་ཁོར། ས་གང་དུ་ནོར་ཤ་བཙལ་འགྲོ་དགོས་ཤེས་དྲིས། བློ་བདེ་མོ་བྱས། ངར་བློ་ཐབས་ཡོད་ཅེས་ཨ་ཁུ་སྟོན་པའི་གཏན་འཁེལ་གྱིས་བཤད།

但是,朋友们都知道,阿古顿巴既没有牛,也没有钱,于是就问他:“哪里去弄牛肉呢?”“放心吧,我自有办法。”阿古顿巴十分肯定地说。

ཨ་ཁུ་སྟོན་པ་མངའ་བདག་ཚང་ལ་སོང་ནས། མངའ་བདག་ལ། དཔོན་པོ་ལགས། ང་ཁྱོད་ཚང་ལ་ནོར་ཞིག་གཡར་ཡོང་བ་ཡིན་ཞེས་བཤད། ནོར་གཡར་ནས་ཅི་བྱེད་དགོས་ཤེས་མངའ་བདག་གིས་ཁེངས་དྲེགས་ངང་དྲིས།

阿古顿巴跑到领主家,对领主说:“老爷,我来向您借头牛。”“借牛干什么?”领主傲慢地问道。

ད་རུང་ས་ཞིག་རྨོ་ཐུབ་མེད། ཞེས་ཨ་ཁུ་སྟོན་པའི་ལན་རྒྱག

“有块地还没耕哩!”

ཡ། ཞེས་མངའ་བདག་གིས་སྣའི་ལན་འདྲ་སྤྲོད་དེ་མུ་མཐུད་དུ། ཡིན་ནའང་། ཁྱོད་ཀྱིས་ང་ལ་བོགས་དངུལ་སྦྱིན་དགོས་ཟེར།

“嗯——”领主用鼻子应了一声,接着说道,“不过,你得付给租钱。”

དེ་ཡིན་དང་ཡིན། ཁྱོད་ཀྱིས་སྒྲིག་ལམ་ལྟར་དངུལ་སྤྲོད་དགོས་ངེས་རེད། ཅེས་ཨ་ཁུ་སྟོན་པའི་བཤད།

“那当然啰!一定按照您的规矩付钱。”

སྒྲིག་ལམ་ལྟར་ཨང་། དེ་འགྲིག་མི་འདུག ད་ལྟར་ཞིང་ལས་བྲེལ་དུས་ཡིན། ཚང་མའི་ནོར་བཀོལ་སྤྱོད་བྱ་དགོས། བོགས་དངུལ་ཡང་སྔར་བས་ལྷག་པར་སྤྲོད་དགོས། ཤེས་ཟེར།

“按照规矩?不行!现在正是农忙季节,大家都要用牛,租钱得加倍!”

གནང་ཐག་མེད། ལྷག་པར་སྤྲོད་དགོས་ན་སྤྲོད། ཅེས་ཨ་ཁུ་སྟོན་པའི་ཐོག་འགོག་མེད་པར་ལན་རྒྱག། ཧམ་པ་ཆེ་བའི་མངའ་བདག་གིས་དངུལ་མང་བར་སྤྲོད་ཟེར་བར་ཐོས་རྗེས། དགའ་བས་ཡིད་མཐུད་བྱས་ནས། ཁྱོད་རང་ཉིད་འཁྲིད་སོང་ཞེས་ཟེར།

“没问题,加倍就加倍!”阿古顿巴答得很干脆。这个贪心的领主听说“加倍”,当然也就欣然同意了。“你自己去牵吧。”

ཨ་ཁུ་སྟོན་པ་མངའ་བདག་གིས་ནོར་རྭའི་ནང་དུ་སོང་ནས། རྒྱགས་ལ་ཆེ་བའི་འབྲི་གཡག་ཅིག་འཁྲིད་དེ་ཕྱིར་འགྲོ་བ། ཡིན་ཡང་ཡུན་རིང་མ་འགོར་བར་སླར་མངའ་བདག་གི་ཁྱིམ་དུ་སླེབས། མངའ་བདག་ལ། དཔོན་པོ་ལགས། ཁྱོད་ཀྱིས་གཡག་འདི་ཟོལ་མེད་ཅིག་རེད་འདུག ད་གིན་ངས་འཁྲིད་ནས་ལམ་ལ་འགྲོ་བའི་སྐབས་སུ། ཁོ་བརྩེ་གཅིག་གིས་ས་ནང་དུ་འཛུལ་འདུག་ཅེས་ཟེར།

阿古顿巴走进领主的牛栏,挑了一头又肥又大的牦牛,牵着往回走。但是他没走多远,却折回领主家,对领主说道:“老爷,我发现您这头牛,有些不老实。刚才我牵着它走在地边的路上,它却一个劲儿要往地下钻……”

བཤད་མ་ཐག་ཏུ། མངའ་བདག་གིས། ཅི་སྐད་ཆ་ཉན་མི་རུང་བ་བཤད་འདུག གཡག་ས་རུ་འཛུལ་པ་ང་སྐྱེ་ནས་ད་བར་ད་དུང་ཐོས་མ་མྱོང་།ཞེས་ཁྲོ་བའི་གཤེ་གཤེ་གཏོང་།

没等说完,领主就开口大骂:“胡说八道,没听说过,牛还会往地下钻!”

བདེན་པ་ཡིན་ཡ་དཔོན་པོ་ལགས། ངས་རྫུན་གཏན་ནས་མི་བཤད། ཅེས་ཨ་ཁུ་སྟོན་པའི་སེམས་མི་བདེ་འདོག་འཁྲབ་སྟེ་བཤད།

“真的。老爷,我绝不撒谎。”阿古顿巴故作不安地分辩道。

སོང་སོང་སོང་། དངོས་གནས་ཡིན་ན། ངར་ཁོ་མེད་པ་དང་འདྲ་འདྲ་ཡིན། ཞེས་ཨ་ཁུ་སྟོན་པའི་མངའ་བདག་གིས་འདི་ལྟར་བཤད་པ་ཐོས་རྗེས། མགྱོགས་མྱུར་གྱིས་ཁྱིམ་དུ་ལོག

“去去去!要是真的,我就当作没有它。”阿古顿巴听领主这么一说,就不跟他啰嗦了,赶着牛很快地跑回家来。

ཁྱིམ་ལ་སླེབས་མ་ཐག་ཏུ། ཁོས་མི་རྣམས་འབོད་ནས་མཉམ་དུ་གཡག་དེ་བསད། ཉིན་འདིའི་དགོང་མོ། ཁོས་སྤྲོ་སེམས་ཀྱིས་མགྲོན་པོ་རྣམས་སྣེ་ལེན་བྱས་པར་མ་ཟད། ད་དུང་ཤ་ལྷག་མ་དག་རྒྱ་མ་གསུམ་ལྔ་ཙམ་བགོས་ནས་ཁྱིམ་མཚེས་ཀྱི་དུད་ཚང་རྣམས་ལ་སྦྱིན། ཚང་མར་ལྟོ་རྒྱགས་ཚད་ཟ་བཅུག

一到家,他就吩咐众人一齐动手,把牛给宰了。这天晚上,他除了殷勤地款待了来客之外,还把剩下的牛肉,每家三斤、五斤地分给左邻右舍,让大家都美美地饱餐一顿。

ཉིན་གཉིས་པ། ཨ་ཁུ་སྟོན་པའི་གཡག་རྔ་ཞིག་ཁུར་ནས་ཞིང་ནང་དུ་སོང་། སྟབས་ལེགས་ངང་མངའ་བདག་དེ་རྒྱང་རིང་ནས་ཚུར་ཡོང་བ་མཐོང་། ཨ་ཁུ་སྟོན་པའི་ཕྱོགས་གཅིག་ནས་མྱུར་དུ་གཡག་རྔ་ས་ནང་དུ་བཙུགས་ཏེ། ཕྱོགས་གཅིག་ནས་ལག་གཉིས་ཀྱིས་དམ་པོར་བཟུང་བ། ཧ་ཅང་ཤེད་ཆེན་པའི་འཐེན་འདོག་བྱས་ཏེ། ད་དུང་ཁྱར་ཁྱོར་ནས་འོངས་པའི་མངའ་བདག་ལ་སྐད་གཤུག་གཅིག་ལས་གཅིག་མཐོན་གྱིས། ཨ་ཁ་ཁ། ཨ་ཁ་ཁ། ཁྱོད་ལགས་ཀྱི་གཡག་ས་རུ་འཛུལ་སོང་། མགྱོགས་པར་འཐེན་རོགས་ཤོག་དང་། ཞེས་འབོད།

第二天,阿古顿巴带了一条牛尾巴走到地里。正巧看见那位领主也远远地向这边走来。阿古顿巴忙把牛尾巴的一端栽到地里,另一端却用双手紧紧地抓住,装作用力拉的样子,并且朝着那边蹒跚而来的领主一声接着一声地喊道:“不得了啦!不得了啦!您的牛钻进地里去了,快来拉吧!”

མངའ་བདག་གིས་རང་གི་གཡག་སའི་ནང་དུ་འཛུལ་སོང་ཞེས་ཐོས་རྗེས། མགྱོགས་མྱུར་གྱིས་ཚུར་རྒྱུག་ཡོང་ནས། ཨ་ཁུ་སྟོན་པར་རོགས་བྱས་དགོས་བསམ། ཁོས་ལག་པའི་འཇུར་ཙམ་གྱིས་ད་དུང་ཤེད་མ་ཕུད་སྐབས། ཨ་ཁུ་སྟོན་པའི་གཡག་རྔ་ཕྱིར་བཀོག གཡག་རྔ་ས་ལས་བུད་མ་ཐག་ཏུ། ཨ་ཁུ་སྟོན་པའི་ཤེད་ཕུད་ཆེ་བའི་ཚུལ་བཏོན་ཏེ་བསྒྲིལ་ལོག་ཅིག་རྒྱག མངའ་བདག་ཡང་མཉམ་དུ་སར་འགྱེལ། ཨ་ཁ་སྟོན་པ་མགྱོགས་མྱུར་གྱིས་ས་ནས་ཡར་ལོངས་ཏེ། ཕྱོགས་གཅིག་ནས་ལུས་ཀྱི་ས་རྡེབ་རྡེབ་བྱས། ཕྱོགས་གཅིག་ནས་མངའ་བདག་ལ། ཨ་ཆག་སྒོ། གཡག་རྔ་ང་ཚོས་བཅད་སོང་། ངས་སྔོན་ནས་ཁྱོད་ལ་གཡག་འདི་ཟོལ་མེད་རེད་འདུག་ཟེར་མྱོང་ཞེས་བཤད། མངའ་བདག་ནད་ཕོད་པར་འདྲ། ཡུན་ཙམ་འགོར་རྗེས་ད་གཟོད་ཤུགས་འདོན་གྱིས་ཡར་ལོངས། ཁོའི་ཧམ་པ་ཅན་གྱི་མིག་ཆུང་དེ་གཉིས་ཀྱིས་ད་གིན་ཆད་པའི་གཡག་རྔར་བལྟས། སེམས་སྐྱོ་ཆེན་པོ་བྱུང་ནས་རང་དབང་མེད་པར་སེམས་སྡུག་གིས་ངུས།

领主一听是自己的牛钻进地里去了,急忙飞奔过来,想助阿古顿巴一臂之力。他刚搭上手还没有来得及使劲,阿古顿巴就把牛尾巴拔了出来。牛尾巴刚一出土,阿古顿巴装着用力过度的样子,就势朝后一仰,领主也跟着跌倒在地上。阿古顿巴急忙地从地上爬起来,一边拍拍身上的泥土,一边对领主说:“糟糕,牛尾巴被咱们拉断了!我早说过您这牛不老实嘛!”领主像是瘫痪了似的,过了好半天,才费力地站起身来。只见他的那双贪婪的小眼,死盯在那条刚被“拉断”了的牛尾巴上,一阵心酸,不禁伤心地嚎哭起来了……

中共甘孜藏族自治州委对外宣传领导小组办公室 蜀ICP备16010372号

技术支持:爱知世元(北京)网络股份有限公司

博评网